༄༅། །བླ་མཆོད་བདེ་སྟོང་དབྱེར་མེད་མའི་བསྡུས་དོན་བཞུགས་སོ། ། [001B] །ན་མོ་གུ་རུ་མཉྫུ་གྷོ་ཥཱ་ཡ། བླ་མ་མཆོད་པའི་ཆོ་ག་ཉམས་སུ་ལེན་ཚུལ་ལ་གཉིས། ཐུན་གྱི་ངོ་བོ་དང། ཐུན་མཚམས་སོ། །དང་པོ་ལ་གསུམ་ སྔོན་འགྲོ། དངོས་གཞི། མཇུག་གོ། དང་པོ་ལ་བཞི། ཀུན་སློང་བཅོས་པ། སྐྱབས་སེམས་ཚད་མེད། སྣོད་བཅུད་སྦྱང་པ། མཆོད་པ་བྱིན་རླབས་སོ། །གཉིས་པ་དངོས་གཞི་ ལ་ལྔ། ཚོགས་ཞིང་གསལ་གདབ་པ། ཡན་ལག་བདུན་པ་འབུལ་བ། གསོལ་བ་གདབ་པ། བྱིན་རླབས་ཞུ་བ། ཚོགས་ཞིང་བསྡུ་བའོ། །དང་པོ་ལ་གཉིས། དམ་ཚིག་པ་ བསྐྱེད་པ་དང། ཡེ་ཤེས་པ་བསྟིམ་པའོ། །དང་པོ་ལ་གསུམ། གནས་བསྐྱེད་པ། གཙོ་བོ་བསྐྱེད་པ། འཁོར་བསྐྱེད་པའོ། །གཉིས་པ་ལ་གཉིས། སེམས་དཔའ་གསུཾ་ [002A]༄༅། །བརྩེགས་བསྐྱེད་པ་དང། ལུས་དཀྱིལ་བསྐྱེད་པའོ། །གཉིས་པ་ཡན་ལག་བདུན་པ་འབུལ་བ་ལ་བདུན། ཕྱག་འཚལ་བ། མཆོད་པ་འབུལ་བ་ སྡིག་ལྟུང་བཤགས་པ། རྗེས་སུ་ཡི་རང་བ། ཆོས་འཁོར་བསྐོར་བར་བསྐུལ་བ། མི་འདའ་བར་གསོལ་བ་གདབ་པ། བསྔོ་བ་བྱ་བའོ། །དང་པོ་ལ་གསུམ། རྩ་བའི་བླ་མ་ ཉིད་ལ་ཕྱག་འཚལ་བ། དངོས་ཀྱི་བླ་མ་རྣམས་ལ་། བརྒྱུད་པའི་བླ་མ་སོགས་ལ་ཕྱག་འཚལ་བའོ། །དང་པོ་ལ་གསུམ། ལོངས་སྐུའི་བདག་ཉིད་ལ་ཕྱག་འཚལ་བ་ སྤྲུལ་སྐུའི་བདག་ཉིད་ལ་ཕྱག་། ཆོས་སྐུའི་བདག་ཉིད་ལ་ཕྱག་འཚལ་བའོ། །གཉིས་པ་མཆོད་པ་འབུལ་པ་ལ་ལྔ། ཕྱིའི་མཆོད་པ་འབུལ་བ། ནང་གི་མཆོད་པ་། གསང་ བའི་མཆོད་པ་། དེ་ཁོ་ན་ཉིད་ཀྱི་མཆོད་པ་། སྨན་དང་བདག་ཉིད་འབུལ་བའོ། །དང་པོ་ལ་ལྔ། ཆུ་བཞི་འབུལ་བ། ཉེར་སྤྱོད་རོལ་མོ་། འདོད་ཡོན་། མཎྜལ་་ [002B] །གསུམ་པ་གསོལ་བ་གདབ་པ་ལ་ལྔ། ཕན་ཡོན་ཉེས་དམིགས་དྲན་ནས་གསོལ་བ་གདབ་པ། ཡོན་ཏན་དྲན་ནས་། བཀའ་དྲིན་དྲན་ནས་། ཕྱི་ནང་གསང་བ་དེ་ཉིད་ ཀྱིས་གསོལ་བ་གདབ་པ། ཕུར་ཚུགས་སུ་གསོལ་བ་གདབ་པའོ། །གཉིས་པ་ལ་གསུམ། ཉན་ཐོས་ཐེག་པའི་ཡོན་ཏན་དྲན་ཚུལ། ཕར་ཕྱིན་ཐེག་པའི་ཡོན་ཏན་། རྡོ་རྗེ་ཐེག་པའི་ཡོན་ཏན་དྲན་ཚུལ་ལོ། ། གསུམ་པ་བཀའ་དྲིན་དྲན་ནས་གསོལ་བ་གདབ་པ་ལ་གསུམ། སྤྱིར་སངས་རྒྱས་ཐམས་ཅད་ལས་བཀའ་དྲིན་ཆེ་ཚུལ། སྒོས་ཐུབ་པའི་དབང་པོ་ལས་བཀའ་དྲིན་ཆེ་ཚུལ། ཡང་སྒོས་ཞིང་མཆོག་ ཡིན་པས་བཀའ་དྲིན་ཆེ་ཚུལ་ལོ། །བཞི་པ་ཕྱི་ནང་གསང་བ་དེ་ཉིད་ཀྱིས་གསོལ་བ་གདབ་པ་ལ་བཞི། ཕྱིའི་ཡོན་ཏན་དྲན་ཚུལ། ནང་གི་ཡོན་ཏན་དྲན་ཚུལ། གསང་བའི་ཡོན་ཏན་། དེ་ཁོ་ན་ཉིད་ཀྱི་ཡོན་ ཏན་དྲན་ཚུལ་ལོ། །བཞི་པ་བྱིན་རླབས་ཞུ་བ་ལ་གཉིས། དབང་བཞི་བྱིན་རླབས་ཀྱི་ཚུལ་དུ་ཞུ་བ་དང། ལམ་གྱི་རིམ་པའི་ཉམས་རྟོགས་ཀྱི་བྱིན་རླབས་ཞུ་བའོ། །གཉིས་པ་ལ་བཞི། ལམ་གྱི་རྩ་བ་བཤེས་ གཉེན་བསྟེན་ཚུལ། བསྟེན་ནས་བློ་ཇི་ལྟར་སྦྱོང་ཚུལ། སྦྱངས་ཀྱང་ལཾ་སྣ་མ་ཟིན་ན་འཕོ་བ་བྱ་ཚུལ། དོན་བསྡུས་ཏེ་སྲས་དང་འཁོར་གྱི་གཙོ་བོར་སྨོན་པའོ། །གཉིས་པ་ལ་གཉིས། ཕར་ཕྱིན་ཐེག་པའི་ལམ་ [003A]༄༅། །ལ་བློ་སྦྱོང་ཚུལ་དང། རྡོ་རྗེ་ཐེག་པའི་ལམ་ལ་བློ་སྦྱོང་ཚུལ་ལོ། །དང་པོ་ལ་གསུམ། སྐྱེས་བུ་ཆུང་དུ་དང་མཐུན་མོང་བའི་ལམ་ལ་བློ་སྦྱོང་ཚུལ། སྐྱེས་བུ་འབྲིང་དང་མཐུན་མོང་བའི་ ལམ་ལ་། སྐྱེས་བུ་ཆེན་པོའི་ལམ་ལ་བློ་སྦྱོང་ཚུལ་ལོ། །དང་པོ་ལ་གཉིས། འཇིག་རྟེན་ཕྱི་མ་དོན་གཉེར་གྱི་བློ་བསྐྱེད་པ་དང། འཇིག་རྟེན་ཕྱི་མར་བདེ་བའི་ཐབས་བསྟན་པའོ། །གཉིས་པ་སྐྱེས་བུ་འབྲིང་ དང་མཐུན་མོང་བའི་ལམ་ལ་བློ་སྦྱོང་ཚུལ་ལ་གཉིས། ཐར་པ་དོན་གཉེར་གྱི་བློ་བསྐྱེད་པ་དང། ཐར་པར་འགྲོ་བའི་ལམ་ལ་སློབས་ཚུལ་ལོ། །གསུམ་པ་སྐྱེས་བུ་ཆེན་པོའི་ལམ་ལ་བློ་སྦྱོང་ཚུལ་ལ་གཉིས་ བྱང་ཆུབ་ཏུ་སེམས་བསྐྱེད་ཚུལ་དང། སེམས་བསྐྱེད་ནས་སྤྱོད་པ་ལ་སློབ་ཚུལ་ལོ། །དང་པོ་ལ་གཉིས། སེམས་བསྐྱེད་ཀྱི་རྒྱུ་ལ་སློབ་ཚུལ་དང། སེམས་བསྐྱེད་དངོས་ལ་སློབ་ཚུལ་ལོ། །དང་པོ་ལ་གསུཾ་ ལམ་གྱི་རྩ་བ་སྙིང་རྗེ་ཆེན་པོ་བསྐྱེད་ཚུལ། བདག་གཞན་མཉམ་བརྗེ་བསྒོམ་ཚུལ། བློ་སྦྱོང་གི་དོན་ཚན་ལྷག་མ་བསྟན་པའོ། གཉིས་པ་ལ་གསུམ། བདག་གཞན་མཉམ་པ་བསྒོམ་ཚུལ། བདག་ གཞན་བརྗེ་བ་བསྒོམ་ཚུལ། གཏོང་ལེན་བྱ་ཚུལ་ལོ། །གཉིས་པ་ལ་བཞི། བདག་གཅེས་འཛིན་གྱི་སྐྱོན། གཞན་གཅེས་འཛིན་གྱི་ཡོན་ཏན། སྐྱོན་ཡོན་གྱི་དོན་བསྡུ་བ། བདག་གཞན་བརྗེ་བ་དངོས་སོ། །གསུམ་ [003B] བསམ་པས་རྐྱེན་ངན་ལམ་དུ་བསྒྱུར་ཚུལ། ཚེ་གཅིག་གི་ཉམས་ལེན་དང་བློ་འབྱོངས་པའི་ཚད། སྦྱོར་བས་རྐྱེན་ངན་ལམ་དུ་བསྒྱུར་ཚུལ་དང་དམ་ཚིག་བསླབ་པའོ་ གཉིས་པ་སེམས་བསྐྱེད་དངོས་ལ་སློབ་ཚུལ་ལ་གཉིས། སྨོན་སེམས་བསྐྱེད་ཚུལ་དང། འཇུག་སྡོམ་ལེན་ཚུལ་ལོ། གཉིས་པ་སེམས་བསྐྱེད་ནས་སྤྱོད་པ་ལ་སློབ་ཚུལ་ལ་དྲུག་སྦྱིན་པ་ལ་སློབ་ཚུལ། ཚུལ་ ཁྲིམས་ལ་སློབ་ཚུལ། བཟོད་པ་ལ་། བརྩོན་འགྲུས་ལ་། བསམ་གཏན་ལ་། ཤེས་རབ་ལ་སློབ་ཚུལ་ལོ། །དྲུག་པ་ལ་གསུམ། མཉམ་གཞག་ནམ་མཁའི་རྣལ་འབྱོར། རྗེས་ཐོབ་སྒྱུ་མའི་། དབུ་མའི་ལྟ་བའི་ཁྱད་ ཆོས་སོ། །གཉིས་པ་རྡོ་རྗེ་ཐེག་པའི་ལམ་ལ་བློ་སྦྱོང་ཚུལ་ལ་གསུམ། ལམ་གྱི་སྣོད་རུང་དུ་བྱ་ཚུལ། བསྐྱེད་རིམ་ལ་སློབ་ཚུལ། རྫོགས་རིམ་ལ་སློབ་ཚུལ་ལོ། །བཞི་པ་དོན་བསྡུས་ཏེ་སྲས་དང་འཁོར་གྱི་གཙོ་བོར་སྨོན་པ་ལ་ གཉིས། སྲས་ཀྱི་ཐུ་བོར་སྨོན་པ་དང། འཁོར་གྱི་ཐོག་མར་སྨོན་པའོ། །གསུམ་པ་མ་ཇུག་ལ་གཉིས། བསྔོ་བ་དང། སྨོན་ལམ་མོ། །ཞེས་པ་འདི་ཡང་ཆུ་རྟ་ཟླ་ཚེས་ལྔ་ལ་སློབ་མ་འགའ་ལ་འཛིན་ཆོས་སུ་གཏོང་རྒྱུར་དྷརྨ་བྷ་དྲས་བྲིས། །